Green Tara Mantra Accumulation 2021_ Bac

ཕྱི་ལོ་༢༠༢༡ལོར་འཛམ་གླིང་གང་སར་བཀྲ་ཤིས་ལོ་ལེགས་བསྐྱར་དུ་ཡོང་བའི་མངོན་འདོད་ལྟར་སྒྲོལ་ལྗང་གི་གཟུངས་སྔགས་བསོགས་

སྒྲུབ་ཞུ་རྒྱུ།།

རྒྱ་ཆེ་ཆོས་གྲོགས་ཡོངས་ཀྱི་སྙན་ལམ་དུ།  

ཕྱི་ལོ་༢༠༢༠ལོའི་འགོ་སྟོད་ལ་ང་ཚོས་འཛམ་གླིང་གང་སར་བཀྲ་ཤིས་ལོ་ལེགས་བསྐྱར་དུ་ཡོང་བའི་མངོན་འདོད་ལྟར་ སྒྲོལ་ལྗང་གི་གཟུགས་སྔགས་བསོགས་སྒྲུབ་ཞིག་གོ་སྒྲིག་ཞུས་ཡོད་པས་མཉམ་བཞུགས་གནང་མཁན་ཡོངས་ལ་      དགའ་བསུ་ཞུ།

ལོ་འདི་ནང་ནད་ཡམས་ཀྱིས་རྐྱེན་པས་ང་ཚོར་དཀའ་ངལ་སྣ་མང་ཞིག་གི་མྱོང་ཚོར་བྱུང་ཡོད། མི་ཚེ་ནང་དཀའ་ངལ་ དང་བར་ཆད་རིགས་ཇི་འདྲ་ཞིག་ཕྲད་ཀྱང་ཆོས་སེམས་བརྟན་པོ་དང་མུ་མཐུད་ནས་བཟང་ཕྱོགས་ཀྱི་བསམ་བློ་དེ་གནས་དགོས་རྒྱུ་གལ་ཆེན་པོ་ཡིན། ཐབས་ཤེས་ལན་མང་བྱས་རྗེས་ནུས་པ་མ་ཐོན་ནའང་སེམས་ཀྱི་དཔའ་ཞུམ་རྒྱུ་མེད་ལ།     རེ་བ་དོར་རྒྱུ་མེད། གང་ལ་ཟེར་ན། ཉིན་མ་སྤྲིན་པའི་འོག་ནས་ཤར་བའི་དུས་ཤིག་སླེབས་རྒྱུ་ཡོད།  

༧དཔལ་ས་སྐྱ་ཁྲི་ཆེན་རིན་པོ་ཆེས་བཀའ་སློབ་ཕེབས་པ་བཞིན། དཀའ་ཚེགས་ཀྱི་དུས་སུ་སྒྲོལ་ལྗང་ལ་བཅོས་མིན་སེམས་ཁོངས་ནས་གསོལ་འདེབས་བྱ་རྒྱུ་གལ་ཆེན་པོ་ཡིན། སྒྲོལ་ལྗང་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་། ཉན་ཐོས།  རང་སངས་རྒྱས་ཡོངས་ཀྱི་མ་ལྟ་བུ་ཡིན་པ་མ་ཟད། ཤེས་རབ་ཀྱི་མཚོན་དོན་ཀྱང་ཡིན་པས། དཀའ་བའི་དུས་སུ་ཁོང་ལ་གསོལ་འདེབས་དང་རེ་སྐུལ་ཞུས་ན་རྒྱུན་དུ་རང་ཉིད་ལ་བྱམས་པ་དང་ཤེས་རབ། དབང་ནུས་ཐོབ་ཐུབ། 

འདི་ལོ་སླར་ཡང་ཕྱི་ལོ་༢༠༢༡ ལོ་འཁོར་མོའི་ནང་གི་ཟླ་བའི་ཚེས་༨ ནམ་ཡིན་ལ་སྒྲོལ་ལྗང་གི་གཟུགས་སྔགས་བསོགས་སྒྲུབ་རིན་མེད་ཐོག་གོ་སྒྲིག་ཞུ་རྒྱུ་ཡིན་པས། ཆོས་གྲོགས་གང་མང་མཉམ་བཞུགས་གནང་ཐུབ་བའི་རེ་སྨོན་ཞུ།

     

བཅས་ང་ཚོས་གསོལ་འདེབས་དང་ནུས་པ་མཉམ་སྤུངས་ཐོག་སེམས་ཅན་གྱི་བདེ་སྡུག་དང་འཛམ་གླིང་ཁྱོན་ཡོངས་ལ་ 

ཞི་བདེ་བསྐྲུན་ཐབས་ཀྱི་བཟང་པོའི་ལས་ལ་འབད་པར་བྱའོ།།

ཁྱེད་རྣམས་ཀྱི་མངོན་འདོད་བཟང་པོ་མྱུར་དུ་གྲུབ་པའི་སྨོན་འདུན་ཞུའོ།།

 

ཁྱེད་ཀྱི་ཆོས་གྲོགས། 

༼ས་སྐྱའི་རིང་ལུགས།༽ཚོགས་ཆུང་ནས།      

The Sakya Tradition Team

2021: Year of Noble Aspiration—Reset and Restart

2020 Total Green Tara Accumulated .jpg

Total Green Tara Mantra Accumulated as of
22 June 2021:

2,101,969,400 Tara Mantras
 

སྒྲོལ་མའི་ཟུངས་སྔགས་འདོན་རྒྱུ། 

Listen Here

Green Tara Mantra - His Holiness the 42nd Sakya Trizin Ratna Vajra Rinpoche
00:00 / 00:00
རྗེ་བརྩུན་སྒྲོལ་མ།།
  • ཨྰརྱ་ཏྰ་རེ་ནི་ཐར་པའི་ཡུམ་དུ་སྙན་པར་གྲགས་ཤིང་། རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་མཚོན་བྱེད་ཀྱང་ཡིན། ཁོང་ནི་ཤིན་ཏུ་རྒྱུན་རིང་བའི་སྔོན་ནས་བྱང་ཆུབ་སེམས་དཔའ་ཐོབ་པ་ཞིག་ཡིན་ཏེ། དེས་མ་ཟད་ཁོང་གིས་རང་ཉིད་བྱང་ཆུབ་ཆེན་པོ་ཐོབ་རྗེས་མུ་མཐུད་བུད་མེད་ཀྱི་གཟུགས་སྣང་བཞེས་ནས་འགྲོ་དོན་སྤེལ་བའི་དམ་བཅའ་མཛད་ཡོད། དེ་ཡང་ཁོང་གི་བླ་ན་མེད་པའི་སྨོན་ལམ་ཆེན་མོ་ནི་བྱང་ཆུབ་སེམས་ཉིད་ཐོབ་པར་བྱེད་རྒྱུ་སྟེ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་དེའོ། དེ་ལྟ་བུའི་བྱང་ཆུབ་སེམས་ནི་ཕྱོགས་ལྷུང་དང་དམིགས་བསལ་གྱི་དབྱེ་བ་སྤུ་ཙམ་མེད་པར་སེམས་ཅན་ཐམས་ཅད་ལ་དམིགས་ཏེ་བྱམས་པ་ཚད་མེད་དང་སྙིང་རྗེ་ཚད་མེད་བསྒོམ་པ་ལས་འབྱུང་བ་ཞིག་ཡིན།
  • སྒྲོལ་མའི་གཟུགས་སྐུ་ལྗང་མདོག་ཏུ་མངོན་པ་ལ། དེས་ནི་སངས་རྒྱས་ཀུན་གྱི་ཕྲིན་ལས་མཚོན། ཁོང་ནི་ང་ཚོ་ཚང་མ་སྡུག་བསྔལ་ལས་འབྲལ་ཏེ་རང་རང་གི་དམིགས་ཡུལ་ལམ་རེ་འདུན་བསྒྲུབ་རོགས་གནང་བའི་ཕྲིན་ལས་ལ་གཞོལ་བ་ཡིན་ཞིང་། ང་ཚོ་ཚང་མར་ཕྱི་ནང་གི་འཇིགས་པ་དང་ཉེན་ཁ་སྣ་ཚོགས་ཀྱིས་མི་ཐེབས་པའི་སྲུང་སྐྱོབ་ཀྱང་བསྩོལ་བ་ཡིན། དེ་ཡང་། སྒྲོལ་མའི་གསོལ་འདེབས་ཀུན་གྱི་ནང་དུའང་ཁོང་གིས་ཐབས་སྣ་ཚོགས་ཀྱི་སྒོ་ནས་ང་ཚོར་རོགས་རམ་གནང་བཞིན་པ་འཁོད་ཡོད་ལ། རོགས་རམ་གནང་བྱ་ནི་ཆེས་དམའ་བའི་འཇིག་རྟེན་གྱི་བྱ་བ་སྒྲུབ་རོགས་ནས་ཆེས་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་བར་གྱི་བྱ་བ་མཐའ་དག་ཚུད་ཡོད་དོ།
སུ་ཞིག་ཞུགས་ཆོག
​ག་དུས།
  • ཁྱེད་སྒྲོལ་ལྗང་གི་དབང་ཐོབ་མྱོང་ཡོད་མེད་གང་ཡིན་རུང་། ཐེངས་འདིའི་བྱེད་སྒོའི་ནང་ཚང་མས་ཞུགས་ཆོག
  • རང་མོས་སུ་ག་དུས་ཡིན་ཡང་ལག་ལེན་བྱས་ཆོག ཐེངས་འདིའི་ཟུངས་སྔགས་མཉམ་གསོག་བྱེད་སྒོའི་དུས་བཀག་ནི། སྤྱི་ལོ་༢༠༢ལོའི་སྤྱི་ཟླ་༡ཚེས་༡ནས་སྤྱི་ལོ་༢༠༢ལོའི་སྤྱི་ཟླ་༡༢ཚེས་༣༡བར་ཡིན།
ཇི་ལྟར་མཉམ་ཞུགས་བྱ་དགོས།
  • སྒྲོལ་མའི་ཟུངས་སྔགས་འདོན་རྒྱུ།  ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧ། 
  • གཟའ་འཁོར་རེ་རེ་བཞིན་ནམ། ཡང་ན་ཟླ་རེ་བཞིན་རང་ཉིད་ཀྱིས་དེའི་རིང་དུ་བཟླས་པའི་སྔགས་གྲངས་རྣམས་གཤམ་གྱི་འབྲེལ་མཐུད་ནང་དུ་ཞུ་བཀོད་བྱེད་རྒྱུ། ངེས་པར་དུ་མཁྱེན་དགོས་པ་ནི། སྔ་མར་ཞུ་བཀོད་བྱས་ཟིན་པའི་གྲངས་ཀ་རྗེས་སུ་ཡང་བསྐྱར་ཞུ་བཀོད་བྱས་མི་ཆོག
  • སྤྱི་སྟེགས་འདི་ཉིད་ནས་དབང་ཡོན་གང་ཡང་མི་ལེན།
དམིགས་བསལ་གྱི་དགེ་བསྔོ།
  • ༼ས་སྐྱའི་རིང་ལུགས།༽ནས་མཉམ་ཞུགས་མཁན་ཚོའི་མིང་ཐོག་ནས་སྤྱི་ལོ་༢༠༢ནང་། ཟླ་རེའི་བོད་ཚེས་བརྒྱད་ཉིན་དུ་དགོན་སྡེར་འཚོག་རྒྱུའི་སྒྲོལ་མའི་ཚོགས་མཆོད་དུ་འབུལ་བ་སྐབས་མཆོད་འབུལ་འབུལ་ཏེ་མཉམ་ཞུགས་མཁན་ཡོངས་ལ་དགེ་བསྔོཞུ་རྒྱུ།
  • ༼ས་སྐྱའི་རིང་ལུགས།༽ནས་ལོ་ཧྲིལ་པོར་མཉམ་དུ་འདོན་པའི་སྒྲོལ་ལྗང་གི་ཟུངས་སྔགས་གྲངས་ཚད་རྣམས་ཕྱོགས་བསྡོམས་བྱས་ཏེ། མཉམ་སྦྱོང་མཁན་ཚོར་ཁྱོན་ཡོངས་ཀྱི་དགེ་བསྔོ་ཞུ་རྒྱུ།