༼སྤྱི་ལོ།༢༠༢༠ སྨོན་ལམ་རྒྱ་ཆེན་གྱི་ལོ།༽

སྒྲོལ་ལྗང་མཉམ་སྦྱོང་།

མཛའ་བརྩེ་དང་ལྡན་པའི་ཀློག་པ་པོ།

 

ཁྱེད་རྣམས་ལ་༢༠༢༠སྤྱི་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཞུ།  ལོ་གསར་པའི་འགོ་ཚུགས་མཚམས་ནི་བླ་ན་མེད་པའི་རེ་སྨོན་ཆེན་མོ་བཅངས་བའི་ཆེས་བཟང་བའི་དུས་མཚམས་ཡིན་སྟེ། མི་སྒེར་གྱི་ཆེད་དུ་ཡིན་ནའང་འདྲ། གཞན་གྱི་ཆེད་དུ་ཡིན་ནའང་འདྲ། ཡང་ན་ཆེ་ཆུང་སྣ་ཚོགས་སམ། འཇིག་རྟེན་པའི་རེ་འདུན་ནམ། ཐར་པའི་ཆེད་དུ་ཡིན་ནའང་འདྲ། གང་ལྟར་ཡང་དག་པའི་རེ་སྨོན་གྱིས་ང་ཚོར་ཡང་དག་པའི་ལམ་ཕྱོགས་སུ་འབད་བརྩོན་བྱེད་པར་སྐུལ་ལྕག་བཏང་ནས་དམིགས་ཡུལ་བསྒྲུབ་ནུས་པར་བྱེད་པས། དེ་དག་ནི་ས་བོན་མྱུ་གུ་འབུས་པ་དང་། མེ་ཏོག་བཞད་པ། དེ་བཞིན་འཚར་ལོངས་འོང་བའི་བརྒྱུད་རིམ་ནང་མེད་དུ་མི་རུང་བའི་འཚོ་བཅུད་བཞིན་ནོ། 

འདི་གར་ང་ཚོའི་༼སྤྱི་ལོ།༢༠༢༠ སྨོན་ལམ་རྒྱ་ཆེན་གྱི་ལོ།༽ཞེས་པའི་བྱེད་སྒོའི་ཆ་ཤས་ཀྱི་ངོས་ནས། འཛམ་གླིང་ཁྱོན་ཡོངས་སུ་ཁ་གཏད་དེ་སྒྲོལ་ལྗང་ཟུངས་སྔགས་ཀྱི་མཉམ་སྦྱོང་བྱེད་སྒོ་སྤེལ་རྒྱུ་ཡིན་པས། སྐུ་ཉིད་འདིར་ཞུགས་རྒྱུའི་དགོངས་བཞེས་ཞུ།

ཨྰརྱ་ཏྰ་རེ་ནི་ཐར་པའི་ཡུམ་དུ་སྙན་པར་གྲགས་ཤིང་། རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་མཚོན་བྱེད་ཀྱང་ཡིན། ཁོང་ནི་ཤིན་ཏུ་རྒྱུན་རིང་བའི་སྔོན་ནས་བྱང་ཆུབ་སེམས་དཔའ་ཐོབ་པ་ཞིག་ཡིན་ཏེ། དེས་མ་ཟད་ཁོང་གིས་རང་ཉིད་བྱང་ཆུབ་ཆེན་པོ་ཐོབ་རྗེས་མུ་མཐུད་བུད་མེད་ཀྱི་གཟུགས་སྣང་བཞེས་ནས་འགྲོ་དོན་སྤེལ་བའི་དམ་བཅའ་མཛད་ཡོད། དེ་ཡང་ཁོང་གི་བླ་ན་མེད་པའི་སྨོན་ལམ་ཆེན་མོ་ནི་བྱང་ཆུབ་སེམས་ཉིད་ཐོབ་པར་བྱེད་རྒྱུ་སྟེ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་དེའོ། དེ་ལྟ་བུའི་བྱང་ཆུབ་སེམས་ནི་ ཕྱོགས་ལྷུང་དང་དམིགས་བསལ་གྱི་དབྱེ་བ་སྤུ་ཙམ་མེད་པར་སེམས་ཅན་ཐམས་ཅད་ལ་དམིགས་ཏེ་བྱམས་པ་ཚད་མེད་དང་སྙིང་རྗེ་ཚད་མེད་བསྒོམ་པ་ལས་འབྱུང་བ་ཞིག་ཡིན།

སྒྲོལ་མའི་གཟུགས་སྐུ་ལྗང་མདོག་ཏུ་མངོན་པ་ལ། དེས་ནི་སངས་རྒྱས་ཀུན་གྱི་ཕྲིན་ལས་མཚོན། ཁོང་ནི་ང་ཚོ་ཚང་མ་སྡུག་བསྔལ་ལས་འབྲལ་ཏེ་རང་རང་གི་དམིགས་ཡུལ་ལམ་རེ་འདུན་བསྒྲུབ་རོགས་གནང་བའི་ཕྲིན་ལས་ལ་གཞོལ་བ་ཡིན་ཞིང་། ང་ཚོ་ཚང་མར་ཕྱི་ནང་གི་འཇིགས་པ་དང་ཉེན་ཁ་སྣ་ཚོགས་ཀྱིས་མི་ཐེབས་པའི་སྲུང་སྐྱོབ་ཀྱང་བསྩོལ་བ་ཡིན། དེ་ཡང་། སྒྲོལ་མའི་གསོལ་འདེབས་ཀུན་གྱི་ནང་དུའང་ཁོང་གིས་ཐབས་སྣ་ཚོགས་ཀྱི་སྒོ་ནས་ང་ཚོར་རོགས་རམ་གནང་བཞིན་པ་འཁོད་ཡོད་ལ། རོགས་རམ་གནང་བྱ་ནི་ཆེས་དམའ་བའི་འཇིག་རྟེན་གྱི་བྱ་བ་སྒྲུབ་རོགས་ནས་ཆེས་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་བར་གྱི་བྱ་བ་མཐའ་དག་ཚུད་ཡོད་དོ།

Update As of:  15 November 2020

Total Accumulation:   2,289,481,081 Tara Mantras

 

སྒྲོལ་མའི་ཟུངས་སྔགས་འདོན་རྒྱུ། 

Listen Here

More Details

སུ་ཞིག་ཞུགས་ཆོག
​ག་དུས།
ཇི་ལྟར་མཉམ་ཞུགས་བྱ་དགོས།
དམིགས་བསལ་གྱི་དགེ་བསྔོ།

Quick Links

Connect with us

  • TST Facebook Page
  • TST Youtube Channel
  • TST Instagram
  • weibo
  • 微信公众号

Copyright © 2020 by The Sakya Tradition  萨迦传承 

 

PO Box 410282 Cambridge, MA 02141 |